Flag

An official website of the United States government

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དུས་མཚམས་བསྐྱར་ཞིབ་བྱས་པའི་སྟེང་གི་ཨ་རིའི་གསལ་བསྒྲ
4 MINUTE READ
January 23, 2024

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འཛམ་གླིང་ཡོངས་ཁྱབ་

དུས་མཚམས་བསྐྱར་ཞིབ་ཚོགས་འདུའི་ཐོག་གི་ཨ་རིའི་བསྒྲགས་གཏམ།

འཛམ་གླིང་ཡོངས་ཁྱབ་དུས་མཚམས་བསྐྱར་ཞིབ་ལས་དོན་ཚོགས་ཆུང་གི་ཚོགས་ཐེངས་ ༤༥ པ།

༢༠༢༤ ལོའི་ཟླ ༡ ཚེས ༢༣ ཉིན།

གཞུང་ཚབ་མཱི་ཆུ་ལེ ཐེ་ལོར་ནས།

ཚོགས་གཙོ་ལགས་ལ་ཐུགས་རྗེ་ཆེ་ཞུ།

 

ང་ཚོས་རྒྱ་ནག་ལམ་སྟོན་བྱེད་རྒྱུར།

༡ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་གིས་མིང་ཐོ་ནང་བཀོད་ཡོད་པའི་ཞིན་ཅང་དང་། བོད་། ཧོང་ཀོང་ནང་གང་འདོད་ཀྱིས་བཀག་ཉར་བྱས་པ་མང་པོ་ཞིག་ཡོད་པ་ཚང་མ་གློད་བཀྲོལ་གཏོང་དགོས།

༢ ཞིན་ཅང་དང་། བོད་། ཧོང་ཀོང་གི་མི་སྣ་ཐེ་བའི་རྒྱ་ནག་ནང་དང་། ཕྱི་རྒྱལ་དུ་ཡོད་པའི་མི་སྒེར་ལ་བསུན་གཙེར་དང་། མྱུལ་ཞིབ། འཇིགས་སྐུལ་བྱ་རྒྱུ་མཚམས་འཇོག་བྱེད་དགོས།

༣ མི་སྒེར་བའི་རིག་གཞུང་། སྐད་ཡིག ཆོས་ལུགས་ཡང་ན་དད་མོས་བཅས་ལ་དབྱེ་འབྱེད་མཚམས་འཇོག་དང་། བོད་དང་། ཞིན་ཅང་ནང་གཏན་འཇགས་སློབ་གྲྭ་ཐེ་བའི་བཙན་ཤེད་ཀྱིས་མི་རིགས་གཅིག་གྱུར་བཟོ་བའི་སྲིད་ཇུས་མཚམས་འཇོག་བྱེད་དགོས།

༤ རྒྱ་ནག་རྒྱལ་ཡོངས་སུ་མནར་གཅོད་དང་། དྲང་བདེན་མ་ཡིན་པ། བཀག་ཉར་དང་སྡུག་སྦྱོང་གཏོང་རྒྱུ་མཚམས་འཇོག་བྱེད་དགོས།

༥ ཞིན་ཅང་ནང་བཙན་ཤེད་ངལ་རྩོལ་དང་། གཉེན་སྒྲིག སྐྱེ་སྒོ་འགོག་པ། ཕྲུ་གུ་མངལ་ལས་འདོན་པ། ཁྱིམ་མི་ཁ་འཐོར་གཏོང་བ་བཅས་མཚམས་འཇོག་བྱེད་དགོས།

༦ ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཐེ་བའི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་། སོ་མྱུལ་འགོག་རྒོལ། འཇིགས་སྐུལ་འགོག་རྒོལ། སྲིད་གཞུང་མགོ་རྟིང་སློག་པར་འགོག་རྒོལ་བཅས་ཀྱི་ཁྲིམས་ལུགས་གསལ་ཁ་མེད་པ་རྣམས་ཕྱིར་བསྡུ་བྱེད་དགོས།

༧ ཧོང་ཀོང་དང་མའེ་ཁའོ་ཐེ་བའི་ས་ཁུལ་ནང་བུད་མེད་དང་། LGBTQI+ མཚན་མཐུན་དགའ་རོགས་། ལས་ཀ་བ་དང་། གཞིས་སྤོ་ལས་ཀ་བ་སོགས་ལ་དྲག་གནོན་གྱི་བྱ་སྤྱོད་མཚམས་འཇོག་བྱེད་དགོས།

༨ མཉམ་འབྲེལ་རྒྱལ་ཚོགས་ལ་བཀག་རྒྱ་མེད་པར་། དོན་དང་ལྡན་པའི་ཐོག་ནས་ས་ཁུལ་ཁག་ལ་འགྲོ་བསྐྱོད་ཞིབ་འཇུག་ཆོག་པའི་ཆོག་མཆན་སྤྲོད་དགོས། (དམིགས་བསལ་སྒོས་ཞིན་ཅང་དང་བོད་ཀྱི་ས་ཁུལ་ལ་དེ་ལྟར་བྱ་དགོས།)

 

ཞིན་ཅང་ནང་མི་རིགས་རྩ་མེད་གཏོང་བ་དང་། མི་ཆོས་རིང་ལུགས་ལ་རྒོལ་བའི་ནག་ཉེས་བསགས་བཞིན་པ་དང་། བོད་དང་། ནང་སོག རྒྱ་ནག་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ། ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་ལ་བརྩི་འཇོག་ཉམས་པ། ཕྱི་རྒྱལ་དུ་ཡོད་པའི་མི་སྒེར་གྱི་ཁ་འགོག་ཕྱིར་རྒྱལ་མཚམས་བརྒལ་བའི་དྲག་གནོན་བཅས་ལ་ང་ཚོས་ངོ་རྒོལ་སྐྱོན་བརྗོད་བྱེད་ཀྱིན་ཡོད།

ཐུགས་རྗེ་ཆེ།